De Tre Vigtigste Stier 6/15

6/15

།དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།

།ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང།

།ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།

།བྱུང་ན་ཚེ་ངེས་འབྱུང་སྐྱེས་པ་ལགས།

Når du har mediteret således og ikke engang føler

et øjebliks ønske for de gode ting af det cykliske liv,

og når du begynder at tænke både dag og nat

om at opnå befrielse, har du fundet forsagelse.

De Tre Vigtigste Stier 5/15

5/15

།དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།

།ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལོག།

།ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས།

།ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག

Fritid og medgang er svære at finde, livet er ikke langt;

Tænk det hele tiden, stop begær for dette liv.

Tænk igen og igen, hvordan gerninger og deres resultater aldrig svigter,

og cyklussens lidelser: stop begær for fremtiden.

De Tre Vigtigste Stier 4/15

4/15

།རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི །

།བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ །

།སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས །

།ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ་ །

Der er ingen måde at stoppe, uden ægte forsagelse,

denne stræben efter behagelige resultater i livets ocean.

Det er også på grund af deres liv af begær, at væsener

er lænkede, så søg forsagelse først.

De Tre Vigtigste Stier 3/15

3/15

།གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང །

།དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས །

།རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།

།སྐལ་ལྡན་དེ་དག་དྭང་བའི་ཡིད་ཀྱིས་ཉོན།

Lyt med et rent sind, I heldige,

som ikke har lyst til livets glæder,

og som for at gøre fritid og medgang meningsfyldt, bestræber sig på

at vende deres sind til stien, som behager Sejrherrerne.

De Tre Vigtigste Stier 2/15

2/15

།རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་ཀུན་གྱི་སྙིང་པོའི་དོན །

།རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ །

།སྐལ་ལྔན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ །

།ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ །

Så vidt jeg kan, vil jeg forklare

essensen af ​​alle høje belæringer af Sejrherrerne,

stien, som alle deres hellige sønner anbefaler,

indgangen for de heldige, der søger befrielse.

De Tre Vigtigste Stier

1/15

༄༅   ༎རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་བཞུགས་སོ ༎

Heri er indeholdt de

“Tre Vigtigste Stier”

skrevet af Dharmakongen Tsongkapa Den Store

༄༅༎ རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ །

Jeg bukker for den Velærværdige Manjushri